བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟོད་གོས།



སྦྲ་ནག་དོན་འགྲུབ་ཚེ་རིང་།

ཕ་ཡུལ་དྲན་པའི་གདུང་བ་དེས་ང་ཚོའི་སེམས་པ་མནན་ནས་ཡོད།
ཡུལ་ཕྱོགས་ངེས་མེད་དུ་འཐོར་བའི་བོད་མི་སྤུན་ཟླ་དག་དང་། བོད་དོན་ལ་སེམས་ཁྲལ་བ་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་། སེམས་པའི་གཏིང་ལ་དུས་རྟག་ཏུ་གནས་བའི་དྲན་ཤིང་ཞིག་འཇོག་ཐུབ་ན་ཅི་མ་རུང་བསམ་སྟེ། ཀུན་སློང་དྲི་མ་མེད་པ་ཞིག་གི་བློ་བསྐྱེད་འོག བྱེད་ཐབས་གསར་བ་འདི་ལག་ལེན་ཏུ་བསྟར་བ་ཡིན།

ད་ལོར་ཕ་ཡུལ་དུ་རང་བྱུང་ས་འགུལ་གྱི་གནོད་འཚེ་ཆེན་པོ་ཕོགས། གནོད་འཚེ་ཕོགས་ཡུལ་མཐོང་དུས། རང་དབང་མེད་པར་མིག་ནས་མཆི་མ་འཐོར། བསམ་དབང་མེད་པར་སེམས་ཀྱི་སྡུག་བསྔལ་ལྗིད་དུ་འགྲོ། འོན་ཀྱང་།
གོད་ཆག་གི་སྐབས་སུ། བརྗེད་མི་རུང་བ་ནི་བོད་ཀྱི་དགེ་འདུན་པ་རྣམས་གཙོས་བའི་གཞིས་ལུས་མི་མང་གི་སྙིང་སྟོབས་ཡིན། ཞུམ་པ་མེད་པའི་སྙིང་སྟོབས་དེ་ཡིན། སྙིང་སྟོབས་དེ་དྲན་འོས་བ་ཞིག་ཡིན།
དྲན་འོས་བ་དེ་ནི་བརྗེད་དུ་མི་རུང་བའི་དྲན་ཤིང་ཞིག་ཀྱང་ཡིན། དྲན་ཤིང་དེ་དུས་རྟག་ཏུ་བོད་རིགས་ཚོའི་སེམས་ལ་གནས་ན་ཅི་མ་རུང་བསམ།
ངེད་བོད་ཀྱི་རྩམ་པ་ཚོང་ཁང་གིས་བོད་ཀྱི་དགེ་འདུན་པ་ཚོའི་སྙིང་སྟོབས་དེ་རི་མོའི་ལམ་ལ་དྲངས་ཡོད།

དེ་ཡང་ཁོང་ཚོའི་འདྲ་རིས་དག་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་སྟོད་གོས་འདིའི་ངོས་སུ་ཕབ་སྟེ་དྲ་ལམ་བརྒྱུད་བོད་རིགས་སྤུན་ཟླ་གཞན་དག་གི་སྤྱན་ལམ་ལ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་ཡིན།
ཚང་མས་མངག་ཉོ་གནང་རྒྱུ་དང་དུས་རྒྱུན་བསྣམས་རྒྱུ་ནི་སྟོད་གོས་འདིའི་རིན་ཐང་ངོ་མ་ཡིན་པ་ཐུགས་འཇགས་འཚལ།


ཁ་བརྡ་ལས་བཤུས།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s