རྩམ་པ། གླུ་ཚིག།



ཅོ་ནེ་ཡུམ་ཚེ་རིང་།

ཡར་ཀླུང་ནས་འཁྲུངས་པའི་ནས་འབྲུ་རྡོག་གཅིག།
གཏམ་རྒྱུད་ཅིག་གི་ཤ་རུས་ལ་ཟུག་པས།
སྦྲང་དཀར་རྩམ་པས་གསོས་པའི་མི་རིགས་ཤིག
མཁའ་མཐའ་ན་ཉི་ཟེར་བཞིན་ཏུ་འཕྱོ།
མགོ་ནག་བོད་པ། བོད་པ།
གངས་དང་འདྲ་བའི་སྦྲང་དཀར་རྩམ་པ།
འབྲི་མར་སེར་པོའི་བཅུད་དང་འགྲོགས་མྱོང་།
ཆུ་འཁྱགས་སྔོན་མོའི་གྲོགས་ཀྱང་གནངས་མྱོང་བས།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
བྱང་ཐང་ནས་བོར་བའི་རྩམ་ཁུག་རལ་བོ།
ཁ་ཆར་དང་བུ་ཡུག་གིས་འགེམ་ཡང་།
མི་རིགས་ཤིག་གི་སྐྱིད་སྡུག་གི་ལོ་ཟླ།
ཨ་མས་ནས་འབྲུ་བཞིན་དུ་བརྔོ།
མགོ་ནག་བོད་པ། བོད་པ།
གངས་དང་འདྲ་བའི་སྦྲང་དཀར་རྩམ་པ།
འབྲི་མར་སེར་པོའི་བཅུད་དང་འགྲོགས་མྱོང་།
ཆུ་འཁྱགས་སྔོན་མོའི་གྲོགས་ཀྱང་གནངས་མྱོང་བས།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
ཨོ་་་་་་་ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
ཨོ་་་་་་་ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s