རྩམ་པ།



རྩམ་པ།
ལ་ལས་བཤད་ན་ཁྱེད་ནི་གངས་ལྗོངས་ཀྱི་ལོ་རྒྱུས་ཡིན་ཟེར།
ལ་ལས་བཤད་ན་ཁྱེད་ནི་གངས་ཅན་པའི་སྲོག་རྩ་ཡིན་ཟེར།
གང་ལྟར་ཡང་ཁྱེད་ཀྱིས་གངས་ལྗོངས་ལ་བདེ་སྐྱིད་ཀྱི་དཔལ་ཡོན་བསྐྲུན་ཤིང་།
གངས་ཕྲུག་ལ་བཅོས་མིན་བརྩེ་དུང་ཡང་བསླབས་ཡོད།
དེ་བས་དེ་རིང་ཡང་ལ་ལས་ཁྱེད་ལ་བསྟོད་བསྔགས་བྱེད།
ལ་ལས་ཁྱེད་ལ་ལས་བདའ་བྱེད།
གང་ལྟར་ཡང་ཁྱེད་ནི་ངའི་ཡ་ཆུང་སེམས་ཀྱི་གཏད་སོ།
ངའི་དྲིན་ཆེན་ཕ་གཞིའི་ཤུལ་འཛིན།
ཁྱེད་ལ་དུང་བ་ནི་ངས་བསགས་པའི་བསོད་ནམས་དང་།
ཁྱེད་དང་འཚོ་བ་ནི་ངས་བཅིངས་པའི་བརྩེ་དུང་ཡིན་ལ།
ཁྱེད་དང་བྲལ་ཐབས་མེད་པའང་གཞན་གྱིས་འཕྲོག་ཐབས་མེད་པའི་རང་དབང་དེ་ཡིན།

ཉིས་སྟོང་བཅུ་ལོར་སྤྱི་ཟླ་ལྔ་པའི་ནང་དབྱར་རྩྭ་དགུན་འབུ་ནས་བྲིས་པ་དགེའོ།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s