རྩམ་པ་ཟ་དུས་སྙན་ངག་དྲན་བྱུང་།



རྩམ་པ་ཟ་དུས་སྙན་ངག་དྲན་བྱུང་།
གཉལ་ཟླ་དགྲ།

རྩམ་པ་ཟ་དུས།

ཆུ་ཀློང་གྲོག་རོང་དུ་བཤོར་ཞིང༌།
ཁ་བའི་སྐོར་བྲོ་རེ་རེས།
དྭངས་གཙང་གི་རི་ཁྱིམ་བརྩེགས་པའི།
གདོད་མའི་ཕྲེང་ཐག་ལ་བརྒྱུས་པའི་སྙན་ངག་དེ་དྲན་བྱུང༌།

རྩམ་པ་ཟ་དུས།

འཁྲེང་སྡུག་གི་རྣམ་རྟོག་མེད་ཅིང༌།
ནགས་ཚལ་དང་རི་ཕུག་ཁྲོད་ནས།
འཇིག་རྟེན་གྲང་ཤོས་ཤིག་གི་མགུར་གླུ་བསྐྱངས་ཏེ།
ཚེ་སྲོག་གི་རྐང་རྡུང་གངས་རི་ལ་བཙུགས་པའི་སྙན་ངག་དེ་དྲན་བྱུང༌།

རྩམ་པ་ཟ་དུས།

གངས་རི་ལ་ལྡིང་བའི་སྤྲིན་གསེབ་ཁྲོད་དུ།
ལོ་རྒྱུས་ཀྱི་མཆེ་བ་བསྒྲེངས་པའི་གཡུ་འབྲུག་རེ་རེས།
ནགས་ཚལ་དང་རི་ཕུག་གི་ཁ་ལོ་བསྒྱུར་བས།
འཛམ་བུའི་ཅོང་དྲིལ་བརྡུངས་བའི་སྙན་ངག་དེ་དྲན་བྱུང༌།

རྩམ་པ་ཟ་དུས།

མི་ལོ་ཁྲི་ཁྲག་གིས་དེད་པའི་རྣམ་ཤེས།
ཞོགས་པ་རེ་རེའི་དེ་ཕོའི་སྐད་སྒྲ་ལ་འདྲེན་འོང་ཞིང༌།
མཚན་མོ་རེ་རེའི་ཁྱི་མོའི་ཟུག་སྐད་ལ་བསྐྱོན་འོང་དུས།
ངོ་གདོང་གཉེར་མ་ཅན་གྱི་སྙན་ངག་དེ་དྲན་བྱུང༌།

Advertisements
By དོན་ཚེ་་ཡིས་ Posted in རིགས་བཀར་མེད།

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s