རྩམ་པ་བཙོག་པ་རེད་གསུང་གིས།


རྩམ་པ་བཙོག་པ་རེད་གསུང་གིས།
འབྲུག་མོ།
རྩམ་པ་བཙོག་པ་རེད་གསུང་གིས།
རྩམ་པ་ནི་ང་རང་ཉིད་ངོ་ཤེས་པ་ནས་ཁ་ལ་ཟ་བའི་ཟས་རིགས་ཡི་ག་ལོག་ཡ་མེད་པ་གཅིག་པུ་ཡིན་ལ། ཉིན་རྟག་པར་རྩམ་པ་ཟོས་ཀྱང་རྩམ་པ་ཟ་མི་འདོད་པ་གཏན་ནས་འབྱུང་གི་མེད། སྔོན་ཆད་གྲོང་ཁྱེར་དུ་ལོ་མང་རིང་སྡོད་སྐབས་ཀྱང་རྩམ་པ་ཧ་ཅང་གིས་དྲན་མྱོང་ཡོད། དེར་མ་ཟད་སྔོན་མ་ང་རང་སློབ་གྲྭ་ཡོད་སྐབས། དབུས་གཙང་ནས་ཕེབས་པའི་སློབ་གྲོགས་ཚོའི་རྩམ་པའི་མདོག་ཧ་ཅང་གིས་དཀར་པོ་ཡོད་པ་དང༌། ཁམས་དང་ཨ་མདོའི་སློབ་གྲོགས་ཚོས་ཁུར་ཡོང་བའི་རྩམ་པ་མདོག་ཅུང་ཙམ་ནག་པ་ཡོད། ཡིན་ན་ཡང་དབུས་གཙང་གི་རྩམ་པར་དྲི་མ་དང་བྲོ་བ་དེ་ཙམ་མེད་པས། ང་རང་ཁམས་དང་ཨ་མདོའི་སློབ་གྲོགས་ཚོའི་རྩམ་པ་ཟ་བར་ཧ་ཅང་གིས་དགའ་བོ་ཡོད། ཡིན་ཡང་གུང་སེང་ནས་ཚུར་སློབ་གྲྭར་ལོག་ཏེ་ཉིན་ཤས་ལ་མི་འགོར་བར་རྩམ་པ་ག་དུས་ཡིན་ཡང་མགྱོགས་ཙམ་རྫོགས་འགྲོ་གིན་ཡོད།
ད་ལྟ་སླར་ཡང་གྲོང་ཁྱེར་ནས་རྩམ་པ་ཧ་ཅང་གིས་དྲན་ལ། ཐེངས་འདིའི་གཟའ་ཉི་མའི་ཉིན་ལ་ང་རང་གྲོང་ཁྱེར་རུ་ཚོང་རྒྱག་བཞིན་པའི་ཡུ་ཤུལ་གྱི་བུད་མེད་ངོ་ཤེས་ཤིག་གིས་ཁྱིམ་དུ་མགྲོན་བསུ་བྱས་པ་བཞིན་སོང་བ་ཡིན། མོས་ཞལ་ཟས་འདྲ་མིན་ཞིག་བཟོས་འདུག་ལ་ལྷག་པར་དུ་རྒྱ་རིགས་ཚོས་ཞལ་ཟས་གོང་ཆེན་དང་རྒྱས་པོ་ལ་བརྩི་བཞིན་པ་གང་མང་བཟོས་གནང་འདུག་པ་མ་ཟད། མགྲོན་པོ་ཡང་ང་གཅིག་པུ་མ་ཡིན་པར་ཨ་མདོ་མཚོ་སྔོན་གྱི་བུ་མོ་ཞིག་དང༌། ཡུ་ཤུལ་གྱི་གསར་བུ་ཞིག་བཅས་འདུག
ཞལ་ཟས་མགོ་བརྩམས་པ་དང་ངས་སྔོན་ནས་སྐད་ཆ་འདྲི་འདོད་པ་དེ་དྲིས་པ་ཡིན། ཨ་ཅག་ལགས། ང་རྩམ་པ་ཟ་འདོད་ཆེན་པོའདུག ཨ་ཅག་ལགས་ལ་རྩམ་པ་ཡོད་གནང་ན། ཞེས་དྲིས་པ་ན། ཨ་ཕྱེ་རང་རྩམ་པ་ཟ་འདོས་ཡོད་ལེ་རེད་གདའ། ཞེས་གསུངས་ཞོར་ཡང་ལངས་ནས་ང་ལ་རྩམ་པ་དང་མར། ཕྱུ་ར་བཅས་སྤྲད་བྱུང༌། སྐབས་དེར་ཨ་ཅག་ལགས་ནས་སྐུ་མགྲོན་གཞན་པ་དེ་གཉིས་ལ་རྩམ་པ་མཆོད་མིན་བཀའ་འདྲི་ཞུས་སྐབས། ཕོ་གསར་དེ་མིན་པའི་བརྡ་བསྟན་ཡང༌། བུ་མོ་དེ་ཡིས། རྩམ་པ་ལ་དགའ་བོ་མེད། རྩམ་པ་ཟོས་ན་ཕོ་བ་ན་གིན་འདུག་ལ། སློབ་གྲྭ་ནས་རྩམ་པ་ཟོས་ཚེ་སློབ་གྲོགས་ཚོའི་མདུན་ནས་གཙང་སྤྲ་མེད་པའི་རྟགས་བསྟན་ཡོང་གི་འདུག་པས། ངོ་ཚ་གི་འདུག ཅེས་བརྗོད་བྱུང༌།
དྲ་གྲོགས་ལྷན་རྒྱས་རྣམ་པ། ངས་བུ་མོ་དེས་སྐད་ཆ་དེ་ལ་ཡང་ནས་བསྐྱར་དུ་བསམ་བློ་བཏང་ཡང་ང་ཁོང་ཁྲོ་ལངས་ནས་བཟོད་ཡ་མི་འདུག
ང་ཚོའི་ཁ་བ་གངས་ཅན་གྱི་ཕ་མེས་ཡབ་མེས་རྣམ་གྱི་རིང་ནས་རྒྱུན་སྲོལ་ཆགས་པའི་ཁ་ཟས་ཞིམ་པོ་དེ་ལ་བོད་མི་རང་གི་ངོས་ནས་འདི་ལྟ་བུའི་ལྟ་ཚུལ་བཟུང་ན་སེམས་པ་སྐྱོ་བ་ལ།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s