གཏན་གྱི་འདུན་མ།



གཏན་གྱི་འདུན་མ།

མི་ལོ་ལྔ་བཅུའི་རིང་གི་བོད་མི་སྐྱབས་བཅོལ་བའི་བརྒྱུད་རིམ་ལ་ཕྱིར་འདང་དང་ བསམ་གཞིག་བྱས་ཏེ་འཛམ་གླིང་གི་ཡུལ་གྲུ་གང་སར་ཐོར་བའི་བོད་མིའི་ནང་ཁུལ་དུ་ མཉམ་འབྲེལ་དང་དང་ངོ་ཤེས་རྒྱུས་ལོན་དང་མཐུན་བསྒྲིལ་བཟུང་ནས་མཇུག་མཐར་ང་ཚོ་ ལྷན་དུ་གངས་ལྗོངས་ཀྱི་ཕ་སར་འགྲོ་བའི་འཆར་གཞི་འམ་ཡིད་ཕུགས་ཀྱི་གཏན་འདུན་ འཚོལ་དགོས་པ་ནི་ཡུལ་གྱར་བའི་བོད་མི་རྩམ་གཟན་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་ འཁྲི་ཞིག་ཡིན། གཏན་གྱི་འདུན་མ་འཚོལ་བ་ལ་ང་ཚོར་མཁོ་བ་ནི་ཆིག་བསྒྲིལ་དང་དཔུང་ཤུགས་ཤེས་ཡོན་ དང་བློས་ཐུབ་ལག་ལེན་བཅས་དགོས་ལ་དེ་དག་དགོས་པ་ལ་ངེས་པར་དུ་བོད་རང་གི་ཐུན་ མོང་མ་ཡིན་པའི་སྐད་ཡིག་དང་བཟང་སྤྱོད་ཀྱི་གོམས་གཤིས་སོགས་རྩ་བར་འཇོག་དགོས་པ་ དེ་ཡིན། ད་དུང་ཆེས་གལ་ཆེ་བ་ནི་ས་ཕྱོགས་ངེས་མེད་དུ་ཡོད་པའི་བོད་མི་དག་གིས་རང་གི་ཤ་ ཁྲག་རུས་གསུམ་ནི་གངས་ལྗོངས་ནས་བཞུད་ཟིན་པའི་རང་གི་མེས་པོ་དམ་པའི་ཤུལ་བཞག་ གི་ནོར་བུ་དེ་ཡིན་པའི་ངེས་ཤེས་སྐྱེས་ཏེ་རང་རང་གི་བུ་རབས་ཚ་རྒྱུད་ཀྱང་གནའ་ དེང་ཟུང་འབྲེལ་གྱི་གཤོག་ཟུང་ལྡན་པའི་ཤེས་ཡོན་པ་ཞིག་དང་ཡ་རབས་སྤྱོད་བཟང་གི་ གོམས་གཤིས་འཇགས་པའི་གངས་ལྗོངས་པ་ཞིག་སྦྲང་དཀར་རྩམ་བཅུད་ཀྱིས་གསོས་པའི་ཕ་ བཟང་གི་བུ་ཞིག་བསྐྱང་ནས་བོད་གངས་ལྗོངས་ཀྱི་མི་རབས་གསར་བའི་དཔུང་ཤུགས་ཀྱི་ བརྗིད་ཉམས་མངོན་པར་བསྟོད་དགོས་པ་དེ་ནི་བྱེས་འབྱོར་བའི་བོད་མི་ཡོངས་ཀྱི་གཏན་ གྱི་འདུན་མ་ཉག་གཅིག་གོ། ངེད་ཅག་ཡུལ་གྱར་བ་སྐོར་ཞིག་གིས་ས་མཐའི་གནས་ཚང་གི་ཐུ་འོག་ནས་དྲ་ལམ་གསར་བ་ འདི་དང་སྦྲང་དཀར་རྩམ་པའི་ཟས་མཆོག་འདི་གཉིས་མཉམ་དུ་འགྲེམས་སྤེལ་བྱས་པའི་ དམིགས་ཡུལ་ཡང་འདི་ལས་མ་འདས་སོ།།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s