རྩམ་པའི་རྣམ་ཤེས་།


རྩམ་པའི་རྣམ་ཤེས་།
ཚེ་ཏེ་ནས་།

ནས་འབྲུ་སྔོན་མོའི་ལྗང་མྱུག་རྒྱས་ཏེ་། མཐོ་སྒང་གི་ལང་ཚོ་དྲོ་འཇམ་གྱི་བསིལ་རླུང་དང་སྡེབ་ནས་ཡོམ་ཡོམ་བྱེད་། སྦྲང་དཀར་རྩམ་པའི་ཉིང་བཅུད་ཀྱིས་ཚིམ་པའི་སྨུག་པོ་བོད་ཀྱི་གཟི་དཔལ་འབར་། མཐོ་སྒང་གི་ས་གཞིར་རྩམ་པ་བབས། མཐོ་སྒང་གི་མཁའ་དབྱིངས་སུ་རྩམ་པའི་དྲི་བསུང་འཐུལ་། དུས་རབས་ཉི་ཤུའི་དུས་དཀྱིལ་ལ་མཐོ་སྒང་གི་ཤར་ཕྱོགས་ནས་། རྩམ་པ་ལ་སྡང་བའི་འདྲ་དམག་དཔུང་ཚོགས་ཤིག་མཆོངས་ཏེ་། ཧམ་སེམས་དང་གནོད་སེམས་ཀྱི་ལྕགས་སྡེར་བགྲད་དེ་། མཐོ་སྒང་གི་ས་གཞི་གཤིན་རྗེས་ཚལ་དང་། མཐོ་སྒང་གི་ནམ་མཁའ་ཁྲག་མདངས་སུ་བསྒྱུར། གདོང་དམར་རྩམ་གཟན་པའི་སྙིང་ལ་བཟོད་དཀའི་ཟུག་ངུ་སྦྱིན་། འོ་དོད་དང་། ཀུ་ཅོ་དྲག་པོས་ཡུལ་ལུང་གཡོ་སྙམ་བྱས་། ད་དུང་། སྤྱང་ལྟོགས་ལས་རྔམས་པའི་འདྲེ་དམག་དཔུང་ཚོགས་དེས་། མཐོ་སྒང་གི་རྩམ་ཁུག་ཡང་སྟོང་པར་བཟོས་། སྐབས་དེར་། རྩམ་པའི་ཆེགས་མ་བར་སྣང་དུ་འཐོར་ཞིང་། རྩམ་པའི་རྣམ་ཤེས་མཐོ་སྒང་དུ་ཐིམ་།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s