རྩམ་པ་ངོ་སྤྲོད་།



 

རྩམ་པ་ནི་ང་ཚོ་བོད་གངས་ཅན་པའི་ཕ་ཟས་ངོ་མ་དེ་ཡིན་ལ། རྩམ་པས་བོད་མི་རྣམས་མི་རབས་ནས་མི་རབས་པར་བསྐྱངས་པས་བོད་པ་ཞིག་ཡིན་དུས་

རྩམ་པ་མི་ཟ་མཁན་མེད་པས། ང་ཚོ་ལ་མགོ་ནག་རྩམ་ཟན་ཡང་ཐོགས་ཡོད། འདས་པའི་

ལོ་ངོ་མང་པོའི་རིང་བོད་ཡུལ་དུ། རྐྱེན་གྱི་དབང་གིས་ཡུལ་སྲོལ་གོམས་གཤིས་ལ་འགྱུར་བ་

ཚད་མེད་ཐེབས་ཡོད་ན་ཡང་། ང་ཚོ་བོད་པ་རྣམས་རྩམ་པར་དགའ་བའི་གོམས་གཤིས་དེ་

དུས་ནམ་ཡང་འགྱུར་མེད། ལྷག་པར་དུ་བོད་མིའི་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་རྩམ་པར་ཐུགས་མཉེས་པོ་གནང་བར་མ་ཟད། འཛམ་གླིང་གི་མཁས་པ་དུ་མའི་ངག་ལས་རྩམ་པའི་ཕན་ནུས་ཀྱི་ལེགས་བཤད་བསྡུ་ལེན་

གནང་ཡོད་ལ། གསུང་ཆོས་སྐབས་མང་པོར་ང་ཚོའི་བོད་ཟས་ཞེས་རྩམ་པ་ལ་ཆེ་བསྟོད་

གནང་ཡོད། ཚན་རིག་མཁས་པ་གྲགས་ཅན་གང་མང་ཞིག་གིས་ཀྱང་ལྟ་བ་གཅིག་མཚུངས་ཀྱིས་

རྩམ་པ་ལ་ཟས་རིགས་གཞན་ལ་མེད་པའི་ལུས་སྟོབས་བསྐྱེད་བྱེད་དང་། ནད་རིགས་འགོག་ཐབས་ཀྱི་གསོ་བྱེད་ནུས་པ་དམིགས་གསལ་བ་ཞིག་ཡོད་པར་

གསུངས་ཡོད།

Advertisements

དཔྱད་མཆན་སྤེལ།

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out /  བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out /  བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out /  བཟོ་བཅོས། )

Connecting to %s